活动简介བྱེད་སྒོ་ངོ་སྤྲོད།

为推动藏区信息内容、技术应用、平台终端、人才队伍共享融通,为藏区群众征集便捷工作生活的优秀移动应用,根据有关工作安排,2019年将继续举办第三届优秀汉藏双语移动应用程序征集活动。本次活动以传播汉藏文化、服务藏区群众工作生活为出发点,以移动应用程序、小程序为征集对象,挖掘教育、医疗、便民、通讯、旅游、电商、休闲、网络公益等多领域需求,为藏区群众发现更具价值的移动应用,进一步促进藏区经济文化发展,丰富群众精神文化生活,支撑网络扶贫等工作。

བོད་ཁུལ་གྱི་ཆ་འཕྲིན་ནང་དོན་དང་། ལག་རྩལ་བེད་སྤྱོད། ལས་སྟེགས་མཇུག་སྣེ། ཤེས་ལྡན་མི་སྣ་བཅས་ཀྱི་དཔུང་ཁག་མཉམ་སྤྱོད་མཉམ་འདྲེས་བྱས་ཏེ་བོད་ཁུལ་གྱི་མང་ཚོགས་ལ་འཚོ་བ་སྟབས་བདེ་ཡོང་ཆེད་ཕུལ་བྱུང་གི་སྒུལ་འཕྲིན་མཁོ་སྤྱོད་མ་ལག་བསྡུ་རུབ་བྱེད་པར་སྐུལ་འདེད་དང་། འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས་༢༠༡༩ལོའི་སྐབས་གསུམ་པའི་བོད་རྒྱ་སྐད་གཉིས་ཀྱི་ཕུལ་བྱུང་སྒུལ་འཕྲིན་མཁོ་སྤྱོད་མ་ལག་བསྒྲིགས་རིམ་གྱི་བསྡུ་རུབ་བྱེད་སྒོ་འདི་མུ་མཐུད་དུ་སྤེལ་རྒྱུ་ཡིན། ད་རེས་ཀྱི་བྱེད་སྒོ་འདི་རྒྱ་བོད་རིག་གནས་བརྒྱུད་སྤེལ་དང་བོད་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྐང་འཛུགས་ས་བྱ་རྒྱུ་དང་། སྒུལ་འཕྲིན་མཁོ་སྤྱོད་མ་ལག་བསྒྲིགས་རིམ་དང་བསྒྲིགས་རིམ་ཆུང་ངུ་བསྡུ་རུབ་བྱ་རྒྱུ་གཙོ་བོར་བྱས་ནས་སློབ་གསོ་དང་སྨན་བཅོས། དམངས་བདེ། འཕྲིན་གཏོང་། ཡུལ་སྐོར། གློག་ཚོང་། སྤྲོ་གསེང་། དྲ་རྒྱའི་སྤྱི་ཕན་སོགས་ཕྱོགས་མང་པོའི་ཐད་ནས་དགོས་མཁོ་སྔོག་འདོན་བྱས་ཏེ་བོད་ཁུལ་མང་ཚོགས་ལ་སྒུལ་འཕྲིན་མཁོ་སྤྱོད་མ་ལག་གི་རིན་ཐང་ཤེས་རྟོགས་ཡོང་བར་བྱ་རྒྱུ་དང་། བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་དང་།  མང་ཚོགས་ཀྱི་བསམ་པའི་རིག་གནས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། དྲ་རྒྱའི་འཕེལ་རྒྱས་ལ་རམ་འདེགས་གང་ཐུབ་བྱ་རྩིས་ཡོད།

活动进程བྱེད་སྒོའི་འཕེལ་རིམ།
活动详情བྱེད་སྒོའི་གནས་ཚུལ་ཞིབ་ཕྲ།

融合发展 མཉམ་འདྲེས་འཕེལ་རྒྱས།

为推动藏区信息内容、技术应用、平台终端、人才队伍共享融通,为藏区群众征集便捷工作生活的优秀移动应用,根据有关工作安排,2019年将继续举办第三届优秀汉藏双语移动应用程序征集活动。本次活动以传播汉藏文化、服务藏区群众工作生活为出发点,以移动应用程序、小程序为征集对象,挖掘教育、医疗、便民、通讯、旅游、电商、休闲、网络公益等多领域需求,为藏区群众发现更具价值的移动应用,进一步促进藏区经济文化发展,丰富群众精神文化生活,支撑网络扶贫等工作。

“སྒུལ་འཕྲིན་འཕྲིན་སྦྲེལ་དྲ་བའི་འཕེལ་རྒྱས”ཀྱི་ཐབས་ཇུས་སྟངས་འཛིན་ནན་མོ་བྱས་ཏེ། སྒུལ་འཕྲིན་དྲ་སྦྲེལ་ལ་བརྟེན་ནས་བསམ་བློ་ཁྲིད་སྟོན་དང་། རིག་གནས་རྒྱུད་འཛིན། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ། དྲང་ནུས་དར་སྤེལ་གཏོང་བ་བཅས་ཀྱི་བརྗོད་དོན་གཙོ་བོར་འཛིན་རྒྱུ་ཡིན། བྱེད་སྒོ་འདིས་རྒྱ་བོད་སྐད་གཉིས་ཀྱི་ཕུལ་བྱུང་སྒུལ་འཕྲིན་མཁོ་སྤྱོད་མ་ལག་བསྒྲིགས་རིམ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བྱེད་པ་དང་། བོད་རིགས་མང་ཚོགས་ཀྱི་དགོས་མཁོའི་གཞི་འཛིན་ས་བྱས་ཏེ། བོད་ཀྱི་གཞི་རིམ་ས་ཁུལ་དུ་སོང་ནས་བོད་རིགས་མང་ཚོགས་ཀྱི་སྒུལ་བདེའི་མཁོ་སྤྱོད་མ་ལག་བསྒྲིགས་རིམ་ལ་བརྟག་ཞིབ་དང་སྔོག་འདོན་བྱས་ཏེ་ནང་དོན་ཐད་ལ་ཕྱོགས་སྟོན་དང་། དྲང་ནུས་ཆེ་བ། བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པ། འཁོར་སྐྱོར་ཚོང་གཉེར་གྱི་ཆུ་ཚད་མཐོ་བ། བོད་ཀྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་པ། སྤྱི་ཚོགས་ནང་མཉམ་ཞུགས་ཀྱི་ཚད་མཐོ་བ་བཅས་གཞིར་བཟུང་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གིན་ཡོད།

一体效能 གཞི་གཅིག་ཕན་ནུས།

通过活动使报名作品业务优化、平台再造,活动将有效整合各种媒介资源、生产要素,实现信息内容、技术应用、平台终端、管理手段共融互通,催化融合质变,放大一体效能,打造一批具有影响力、竞争力的汉藏双语移动应用程序。

བྱེད་སྒོ་འདི་བརྒྱུད་ནས་ཐེངས་འདིའི་བྱེད་སྒོའི་ནང་ཞུགས་པའི་བརྩམས་ཆོས་དག་གི་ལས་སྒོ་ཇེ་ལེགས་སུ་གཏོང་བ་དང་ལས་སྟེགས་བསྐྱར་དུ་བསྐྲུན་པ། བྱེད་སྒོ་འདིས་འཕྲིན་སྦྱོར་ཐོན་ཁུངས་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ནུས་ལྡན་ངང་བསྡུ་རུབ་བྱས་ཏེ་ཆ་འཕྲིན་གྱི་ནང་དོན་དང་། ལག་རྩལ་བེད་སྤྱོད། ལས་སྟེགས་ཀྱི་མཇུག་སྣེ། དོ་དམ་བྱེད་ཐབས་བཅས་ཕན་ཚུན་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དང་། མཉམ་འདྲེས་ཀྱི་ངོ་བོ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མཉམ་འདྲེས་ཀྱི་ཕན་ནུས་ཆེ་རུ་གཏོང་ཐབས་བཅས་བྱས་ནས་འགྲན་རྩོད་ནུས་པ་ལྡན་པའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་སྒུལ་འཕྲིན་མཁོ་སྤྱོད་བསྒྲིགས་རིམ་གྱི་མ་ལག་ཁག་ཅིག་གསར་དུ་གཏོད་རྒྱུ་ཡིན།

立体多样 དངོས་སྣང་སྣ་མང་།

本次活动将报名作品范围拓展至移动应用程序(APP)、小程序等,注入新新力量,动员更多藏区及全国优秀人才积极参与,融合发展,逐步从“加”阶段迈向“融”阶段。

ད་རེས་ཀྱི་བྱེད་སྒོའི་ནང་སྒུལ་འཕྲིན་མཁོ་སྤྱོད་མ་ལག་བསྒྲིགས་རིམ་(APP)དང་བསྒྲིགས་རིམ་ཆུང་ངུ་(小程序)སོགས་ཀྱི་མ་ལག་གང་རུང་ཞུགས་ཆོག་པ་མ་ཟད། བོད་རིགས་ས་ཁུལ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་དག་ཐེངས་འདིའི་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་སློང་བྱ་རྒྱུ་དང་། མཉམ་འདྲེས་འཕེལ་རྒྱས་ཡོང་བའི་སྒོ་ནས“ཤུགས་སྣོན”གྱི་དུས་རིམ་ནས་རིམ་བཞིན“མཉམ་འདྲེས”ཀྱི་དུས་རིམ་དུ་སླེབས་པ་བྱ་རྒྱུ་ཡིན། 。

权威指导 ཆེད་མཁས་པའི་མཛུབ་སྟོན།

活动由国家网信办移动网络管理局、青海网信办、四川网信办指导,邀请高校权威专家、互联网业界大咖、互联网投资界知名专家等作为本次活动专家,入围的作品可获得专家小组的指导,更加注重落地和转化效果。

བྱེད་སྒོ་འདི་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་སྒུལ་འཕྲིན་དྲ་རྒྱ་དོ་དམ་ཅུས་དང་། མཚོ་སྔོན་དྲ་འཕྲིན་གཞུང་དོན་ཁང་། སི་ཁྲོན་དྲ་འཕྲིན་གཞུང་དོན་ཁང་བཅས་ཀྱིས་མཛུབ་སྟོན་དང་། སློབ་གྲྭ་ཆེན་མོའི་ཆེད་མཁས་པ། དྲ་སྦྲེལ་ལས་རིགས་ཀྱི་དགེ་རྒན་ཆེན་མོ། ཆེད་ལས་ལས་རིགས་སོགས་ཀྱི་མི་སྣ་གྲགས་ཅན་འགའ་གདན་འདྲེན་ཞུས་ཏེ་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་པའི་བརྩམས་ཆོས་དག་ལ་མཛུབ་སྟོན་གནང་སྟེ་སྒུལ་འཕྲིན་མཁོ་སྤྱོད་མ་ལག་གི་འཕེལ་ཕྱོགས་ལ་དོ་གལ་ཆེན་པོ་བྱ་རྒྱུ་རེད།

组织机构རྩ་འཛུགས་ལས་ཁུངས།

指导单位:国家网信办移动网络管理局、青海省网信办、四川省网信办

主办单位:中国网络社会组织联合会

承办单位:四川宓禾文化传播有限公司

协办单位:

下载中心ཕབ་ལེན་ལྟེ་གནས།
往届优秀App
活动资讯བྱེད་སྒོའི་སྐོར་འདྲི་རྟོག
联系我们འབྲེལ་གཏུག་བྱེད་ཡུལ།

群名称:汉藏双语应用征集活动
群 号:809076806

2019活动官方QQ群

高原红服务号

客服QQ号:3341339984

客服微信号:SCZMtech